བྱེའུ་ཆུང་ཞིག་སྡོང་མགོར་བབས་རྗེས།
ཁུ་སིམ་མེར་འདུག་ཅིང་།
བྱེའུ་ཆུང་ལ་བྱེའུ་ཆུང་རྗེས་འབྲང་བ་ཞིག་འདུག
བྱེའུ་ཆུང་རྗེས་འབྲང་བ་དེས་རྩེད་འཇོ་འགའ་བྱས་ཏེ།
དགའ་སྐྱོ་ཟུང་གི་གཤོག་པ་རྡེབ་ཙམ་བྱས།
སྡོང་པོའི་ལོ་མ་དང་དེའི་སྟེང་གི་ས་རྡུལ་རེ་རེར།
བག་ཆགས་བརྗེད་དཀའ་བ་ཞིག་བཞག
བག་ཆགས་རེ་རེར་དགའ་སྐྱིད་དང་སྤྲོ་འཛུམ།
ད་དུང་ཕྱིར་དྲན་དང་སྐྱོ་སྡུག་གི་ཆ་ཤས་མང་པོ་བཞག
བྱེའུ་ཆུང་དེར་དལ་གྱིས་སྤྲོ་འཛུམ་འཁོར་བྱུང་།
གློ་བུར་དུ་རྩེད་དགའ་ལ་རོལ་སོང་།
མཛའ་བརྩེ་དང་མཐུན་འཇུག་ལ་རོལ་སོང་།
རེད་དེ།
ནམ་ཞིག་གི་ཚེ།
ཕུང་པོ་འཇོ་སྒེག་དང་ལྡན་པ་དེ་བྱེ་མའི་ཐང་ཆེན་དུ།
གར་སོང་ཆ་མེད་དུ་གྱུར་ཏེ་རྗེས་ཤུལ་ཙམ་ཡང་མེད་སྲིད།
ཤ་ཁྲག་སོ་སོར་གྱེས་ཏེ་ལུས་སེམས་སོ་སོར་གྱེས་ཀྱང་སྲིད།
རྣམ་ཤེས་བེམ་པོ་དང་བྲལ་རྗེས་ས་སྲོད་ཀྱི་ལྗོན་ཤིང་སྐམ་པོར་འགྱུར་སྲིད།
ལྗོན་ཤིང་དེའི་སྟེང་གི་ས་རྡུལ་དང་ལོ་མའི་ལྷོད་འཇམ་དེ་དག
ངུ་ངག་དང་ལྷན་དུ་ཕྱིར་དྲན་ཙམ་ཡང་མེད་པར་འགྱུར་སྲིད་ཨང་།
点赞
收藏