དྲན་པ་རྣོན་པོ་ཞིག་གི་འོག་ནས།
སུན་སྣང་གིས་མནར་བའི་ཚོར་བ་ནི།
སྤྲིན་ནག་ཅིག་གིས་སེམས་ལ་གཡོགས་པ་དང་འདྲ།
གང་དུ་བསྐྱོད་ཀྱང་ཉི་འོད་ཀྱི་དྲོ་སྐྱིད་ཚོར་མི་ཐུབ་ལ།
གང་དུ་བལྟས་ཀྱང་དེ་རུ་དྲན་གདུང་དང་སུན་སྣང་གིས་སྨུག་སྤྲིན་འཐིབ།
དེ་དུས་ངས་སྤྲིན་དཀར་གྱི་འདབ་མ་ལ་སེམས་པ་གླན།
དེ་དུས་ངས་སྐར་ཚོམ་གྱིས་བརྒྱན་པའི་མཚན་སྨག་ལུས་སེམས་སུ་ཕབ།
དེ་དུས་ངས་མངར་སྐྱུར་གྱི་ཚོར་སྣང་མོད་པོ་ཞིག་ཡི་གེའི་གཟུགས་སུ་ཕབ་འགོ་བརྩམས།
འོན་ཀྱང་།
ཐ་སྙད་རེ་འགའི་ངའི་སྐྱོ་སྣང་གིས་འདས་མ་ད་གསུམ་ཇི་ལྟར་མཚོན་ཡང་མཚོན་ཐབས་མ་བྱུང་།
སུན་སྣང་ནི།
ཁེར་རྐྱང་གི་དབྱངས་རྟ་ཞིག་དང་འདྲ་བར་དུས་ཚོད་ཀྱི་རོལ་དབྱངས་ལེ་ཚན་ཁྲོད།
རྒྱུན་ཆད་མེད་པར་བསྐྱར་ཟློས་བྱེད་བཞིན་ཡོད།
ས་སྲོད་དེར་ཉི་ནུབ་ལ་སེམས་པ་ཁེན་དུས།
གྲང་ཤུར་ཤུར་གྱིས་ས་སྲོད་ཅིག་ལ་ཕྱིར་བལྟས་ཤོར།
ང་ལ་མཚན་མོའི་མུན་ནག་གིས་སྔར་བས་ཁེར་རྐྱང་གི་ཚོར་བ་སྟེར།
ཧ་ཅང་སྐྱོ་སྣང་གང་མང་ཞིག་གི་ཁྲོད་ནས་སྨྲ་བརྗོད་མ་ཐུབ་པའི་ཡིད་ཀྱི་སྨྲེང་བ་ཞིག
ཕྱིར་ཡོང་མེད་པའི་ན་ཚོད་དེའི་དབྱིངས་སུ་ཡལ།
དེ་དུས་ངས་ཚོར་སྣང་གི་རྨི་ལམ་དང་རེ་བ་དག
རེ་རེ་བཞིན་སྙན་ངག་གི་ཡིག་འབྲུའི་བར་ནས་ཤོར།
点赞
收藏