ཡངས་པའི་ཨ་སྔོན་དགུང་ལ་བལྟས་པ་ན། །
མཐོན་པོའི་རྒྱལ་དར་དམར་པོ་ལྷབ་ལྷུབ་གཡོ། །
གསེར་མདོག་རྟ་བདུན་དབང་པོ་ཕྱོགས་ཀུན་ཁྱབ། །
ཏང་གི་སྲིད་ཇུས་བཟང་པོས་བདེ་སྐྱིད་མངོན། །
ཞང་བོད་རིག་གཞུང་མཐའ་ཡས་རྒྱ་མཚོའི་རླབས། །
གངས་ལྗོངས་ས་ཕྱོགས་ཀུན་ལ་འཕྱུར་བ་ན། །
གསུང་འབུམ་དཔེ་དེབ་གྲངས་མེད་ཆུ་གཏེར་བཞིན། །
རིག་པའི་གནས་ལ་མཁས་པའི་སྐྱེས་བུ་འཁྲུངས། །
རྒྱལ་ཁམས་ཀུན་ལ་དགའ་བདེའི་དཔལ་གྱིས་ཕྱུག །
འགྲོ་དྲུག་སེམས་ཅན་བདེ་སྐྱིད་ལྡན་པའི་ངང་། །
ཞི་མཐུན་བདེ་སྐྱིད་འཚོ་བའི་འོད་ཟེར་ལས། །
སྐྱིད་པའི་ཡུལ་ལ་བདེ་སྐྱིད་ཉི་མའི་ཤར། །
མི་དམངས་བདེ་སྐྱིད་ཏང་གི་བཀའ་དྲིན་ཡིན། །
འགན་ལེན་གསུམ་གྱི་སྲིད་ཇུས་ཨེ་མ་མཚར། །
མང་ཚོགས་འཚོ་བ་ཡར་ངོའི་ཟླ་ལྟར་འཕེལ། །
ཀྲུང་གོའི་སྲིད་ཇུས་བཟང་པོའི་བདེ་སྐྱིད་ཟབ། །
མི་གྲངས་དུང་ཕྱུར་བཅུ་བཞིའི་བདེ་སྐྱིད་སྐྲུན། །
ཞིང་འབྲོག་གྲོང་གསེབ་གསར་པའི་སྲིད་ཇུས་ནས། །
གྲོང་གསེབ་གྲོང་ཁྱེར་རྣམ་པ་ཉིན་བཞིན་རྒྱས། །
གསར་གཏོད་གསར་སྐྲུན་འཕེལ་རྒྱས་བདེ་སྐྱིད་ཡིན། །
སྔོན་ཆད་ཟླ་གྲངས་འགོར་བའི་ས་ཆ་ལ། །
དེང་རབས་ཆུ་ཚོད་གཅིག་གཉིས་བསྐྱོད་པས་འབྱོར། །
སྔར་མེད་འགྲིམ་འགྲུལ་ཆ་རྐྱེན་ཡག་པོ་འདི། །
དེང་དུས་དུས་རབས་གསར་པའི་བདེ་སྐྱིད་ཡིན། །
མེ་ཏོག་སྣ་ལྔས་བརྒྱན་པའི་རྩྭ་ཐང་སྟེང་།
ཕྱུགས་རིགས་དཀར་ནག་ཁྲ་གསུམ་རྩྭ་ཆུར་རོལ། །
འབྲོག་པའི་སྦྲ་ནག་གྲུ་བཞི་གཡང་གིས་འཁྱིལ། །
ནང་མི་མཉམ་འཛོམས་བྱེད་པའི་བདེ་སྐྱིད་ཟབ། །
ཕ་མེས་ཤུལ་བཞག་རྒྱུན་འཛིན་ཕ་མཆོག་འདི། །
སྲོལ་རྒྱུན་རིག་གནས་སྐྱོང་བའི་ཕ་ས་ཡིན། །
གསོ་རིག་དགོས་འདོད་ཀུན་འབྱུང་གྲགས་སའི་སྡེ། །
བདེ་སྐྱིད་ཕུན་སུམ་ཚོགས་པའི་ཕ་ཡུལ་ཡིན། །
འབྲོག་པའི་བདེ་སྐྱིད་ཏང་གི་བཀའ་དྲིན་ཡིན། །
བྱང་འབྲོག་འཚོ་བ་ཡར་སྔོན་ཟླ་ལྟར་འཕེལ། །
མི་རིགས་མཐུན་སྒྲིལ་མེ་ཏོག་ལྷུག་པར་གྲོལ། །
ང་ཚོའི་བདེ་སྐྱིད་ནམ་ཡང་གནས་གྱུར་ཅིག །
点赞
收藏