ས་སྲོད་ཀྱི་རླུང་བུ་དང་གྲང་ངད་ཀྱིས་འཁུར་བའི་ན་ཟུག་ཅིག
གློ་བུར་དུ་མུན་ནག་གི་གོམ་སྒྲ་དང་འགྲོགས་ནས་ངའི་སྙིང་ལ་སིམ་ཡོང་།
མུན་ནག་གི་བཏུམས་པའི་འཇིག་རྟེན་འདིར་ང་ལ་རྨི་ལམ་རྨིས་ཀྱི་འདུག
རྨི་ལམ་ཡོད་པའི་དུས་སུ་ངས་མི་ཞིག་དང་ཐུག་འཕྲད་བྱེད་ཐུབ།
མི་དེ་ཁྱིམ་མི་ཚོའི་སེམས་ཁོངས་ན་ཡོད།
ཨ་ཕའི་དྲན་གདུང་དང་ཨ་མའི་མིག་ཆུའི་གསེང་ན་ཡོད།
ཚ་མོའི་འཚོལ་གླེང་དང་ང་ཡི་རྨི་ལམ་ནང་ན་ཡོད།
བདག་གི་མཚན་མོ་ཡོད་ཚད་རྨི་ལམ་ལ་སྒུག་གིན།
བདག་གི་རྨི་ལམ་ཡོད་ཚད་མི་ཞིག་ལ་བསམ་སྟེ།
ཚེ་སྲོག་འཕར་མ་ཞིག་དང་འཆར་ཡན་ཐུང་ངུ་ཞིག་ལ་རེ་ཡོད།
གཉིད་མི་ཁུག་པའི་མཚན་ངོགས་དེ་དག
དྲན་པའི་ཟིན་ཐོ་འགོད་སའི་བར་མཐོངས་རེ་རེ་ཡིན་ན།
བར་མཐོངས་དེ་དག་འཇིག་རྟེན་ལས་ཁོག་ཡངས་ཆེ་ལ།
ཟིན་ཐོ་དེ་དག་མིག་ཆུ་ལས་རིན་ཐང་ཆེ་བས།
གལ་ཏེ་དད་སེམས་ཀྱི་བློ་ཡིས་མ་ཟིན་ཞིང་།
ཚེ་སྲོག་ལ་ལྡོག་མེད་ཀྱི་གེགས་བར་མ་ཐུག་ན།
དྲན་གྱིན་པའི་ཁྱེད་རང་ཐེངས་ཤིག་ལ།
ང་ཡི་མངོན་སུམ་ལྟ་བུའི་རྨི་ལམ་དང་།
རྨི་ལམ་ལྟ་བུའི་མངོན་སུམ་དུ་ཕེབས་ཤོག་དང་།
点赞
收藏