གཞན་ཕྱོགས་མི་དང་འདྲ་བ། །
རྒྱས་སྤྲོས་བསམ་སྣང་མེད་ལ། །
རང་རང་རྙེད་པའི་གཡུ་ཆུང་། །
ཐོབ་ན་དེ་གས་འགྲིག་སོང་། །
སེམས་ལ་བསམ་པའི་གཡུ་དེ། །
བདག་པོ་སྤྲད་རྒྱུ་བྱུང་ན། །
དལ་རྟེན་མི་ལུས་འདི་ཡི། །
བསམ་དོན་ཡོངས་སུ་འགྲུབ་སོང་། །
རང་སེམས་སྙིང་གའི་ཡུལ་དུ། །
བཏགས་པའི་གཡུ་ཆུང་དྲུག་དཀར། །
མི་ཡི་ལག་ཏུ་ཤོར་དུས། །
སྙིང་རླུང་སྟོད་ལ་འཚང་བྱུང་། །
བདེན་པའི་གསང་ཚིག་དམར་པོ། །
གཞན་ལ་བརྗོད་ས་མེད་པར། །
སེམས་པ་གཏིང་གི་ནོར་བུ། །
བདག་པོ་གཞན་གྱིས་སྤྲད་སོང་། །
点赞
收藏