དུས་ཚོད་ཀྱི་བར་སྟོང་རེ་ལ།
ང་ནི་ཁྱེད་ཀྱི་དྲན་མྱོང་བའི་ཞོགས་པའི་མཚམས་སྤྲིན་དེ་ཡིན།
ཁྱེད་རང་རྙེད་པའི་མཚན་མོ་རེ་ལ།
ང་ནི་ཁྱེད་ཀྱི་སྨོན་འདུན་ཞུ་སའི་མི་དེ་ཡིན།
བག་ཆགས་དང་ཞེ་ཁོག་བར་ནས།
ང་ནི་ཁྱེད་ཀྱི་མི་སྡུག་པ་བཤད་ས་དེ་ཡིན།
སྐྱོ་སྣང་དང་ངལ་དུབ་གསེང་ནས།
ང་ནི་ཁྱེད་ཀྱི་བཀླགས་མྱོང་བའི་སྙན་ངག་ཕྲ་མོ་དེ་ཡིན།
མི་ཚེ་དང་དགའ་སྡུག་བར་ནས།
ང་ནི་ཁྱེད་ཀྱི་རྒྱང་རིང་གི་མི་དེ་ཡིན།
དུས་ཚོད་སོང་ཤུལ་རེ་ནས།
ང་ནི་ཁྱེད་ཀྱི་མིག་ཆུ་འཐོར་སའི་ཡུལ་དེ་ཡིན།
སྐྱེ་བ་ཁྱེད་དང་འཕྲད་རྗེས།
ང་ནི་ཁྱེད་ཀྱི་སྔས་འགྲམ་གྱི་མེ་ཏོག་དེ་ཡིན།
དགུན་ཟླའི་ཁ་བ་ལྷུང་ལྷུང་དུ་བབས་རྗེས།
ང་ནི་ཁྱེད་ཀྱི་སེམས་ཤོར་སའི་སྐྲ་ལོ་དེ་ཡིན།
点赞
收藏