ལུས་ལ་དྲོད་ཀྱིས་ཁྱབ་ཅིང་བྱམས་པའི་མི། །
ཟླ་བ་འདི་རུ་དྲན་པ་ལྷག་ཏུ་ཆེ། །
འཛུམ་གྱི་པད་མོ་སྙིང་གི་ཀླད་དུ་བཞད། །
ལ་ལུང་སྟོང་གིས་འཚོ་བའི་བར་ཐག་ཆད། །
ལོ་ཟླའི་འཆར་ཡན་ནང་དུ་དྲན་གདུང་ཕབ། །
བསམ་བཞིན་བསམ་ན་ཁྱེད་ཉིད་དེ་བས་དྲན། །
ས་མཐའི་ལས་དབང་རླུང་གིས་འཁྱག་པར་བྱེད། །
ཞེ་འདང་དེ་ཡང་སྐྱོ་བས་ངུ་ངག་རྩོམ། །
ལུས་ཀྱི་ཕོན་པོ་ཁ་ཐག་རིང་སོང་ཡང་། །
གློ་སྙིང་དྲོན་མོ་ཁྱེད་ཀྱི་གམ་དུ་བཅར། །
ཟླ་བའི་སྣེ་མོར་ཉིན་ཞག་གྲངས་ཀྱིས་གཞལ། །
མཚན་མོའི་མེ་ལོང་ནང་དུ་འཆར་ན་འདོད། །
ལས་ཀྱིས་གྲུབ་པ་ཚེ་འདིའི་འཕགས་མའི་ཚོགས། །
ཕྱི་ནང་གསལ་བའི་དྲོད་ཀྱི་བདག་མོ་མ། །
འོད་སྟོང་ལྡན་པ་གདོད་མའི་གཤིས་ཀ་འཕྲོ། །
ངག་གི་ལམ་ནས་དྲིན་གྱི་སྙན་ཚིག་ཕུལ། །
འཚོ་བའི་ངོགས་སུ་ཁྱེད་ལ་སྙན་ངག་བྲིས། །
སེམས་པ་དེས་ཀྱང་རྟག་བརྟན་སྨོན་ཚིག་གསོལ། །
点赞
收藏